人生的信条就在于:不忘初心,方得始终。所以要有始有终,当然更多实用的甜头还在后面呢,望各位有想法的同胞们不要再犹豫,每日关注【贵德在线】平台,我们每天将会推送相对系统的藏语教学内容,让每一位想了解新知识新文化的同胞有所收获!!!
精心的备课有没有打动你呢?如果心动了就继续跟【贵德在线】小编一起来学习吧!!!
【གངས་སྐོར་།】
1 གངས་སྐོར་ནི་བོད་མི་རིགས་ཀྱི་ལྷག་བསམ་མཚོན་བྱེད་ཀྱི་རྣམ་པ་གལ་ཆེན་ཞིག་ཡིན་ལ། ཁོ་ཚོས་རྐང་ཐང་དུ་གནས་རི་དང་གངས་རི་མང་པོར་བསྐོར་བ་བྱས་ན་ཚེ་འདི་ཕྱི་གཉིས་ཀྱི་སྡིག་སྒྲིབ་དག་པར་ཡིད་ཆེས་བརྟན་པོ་ཡོད་དོ། དད་སེམས་ཅན་གྱི་བོད་མི་དག་རང་ཉིད་འཚོ་ཞིང་གཞེས་པའི་རང་བྱུང་གི་ཁོ་ར་ཁོར་ཡུག་འདིར་སྙིང་ནས་དགའ་གུས་ཚད་མེད་ལྡན། རྟ་ཡི་ལོ་ལ་ཐོན་པ་ན་ཁོ་ཚོ་འཇིག་རྟེན་གྱི་ཟང་ཟིང་དང་རེ་ཞིག་བྲལ་ཏེ། རི་ལུང་ཐང་གསུམ་མང་པོ་བརྒལ་ནས་གནས་རི་བསྐོར་བའི་དཀའ་སྡུག་གི་འགྲུལ་བཞུད་ཞིག་ལ་དབུ་ཁྱུད་འབྲི་ངེས། འོན་ཀྱང་གནས་མཇལ་ལམ་གྱི་དཀའ་སྡུག་གིས་ཁོ་ཚོར་དཔའ་ཞུམ་དུ་འཇུག་ག་ལ་ཐུབ། རྒྱུ་མཚན་ནི། དཀའ་སྡུག་དེ་དག་ནམ་ཡིན་ཡང་ཁོ་ཚོ་གནས་མཇལ་དུ་འགྲོ་བའི་སྒུལ་ཤུགས་དང་སྐུལ་ལྕག་ལྟ་བུ་ཞིག་ཏུ་གྱུར་ཡོད།
2 ནངས་སྔ་མོར་ལམ་ལ་ཆས་ཤིང་། རྐང་བའི་རྡོག་སྒྲ་དང་མཉམ་དུ་སྒྲོལ་མ་དང་མོའི་འགྲོ་རོགས་རྣམས་ཀྱི་དགའ་སྤྲོའི་དགོད་སྒྲ་ལྷང་ལྷང་ངང་མདུན་དུ་བསྐྱོད། ཁོ་ཚོ་ཚང་མ་བོད་ལྔོངས་ཆབ་མདོ་ནས་འོང་བ་དང་། གནས་མཆོག་ཁ་བ་དཀར་པོར་གནས་མཇལ་དུ་ཡོང་བ་རེད། གནས་མཆོག་ཁ་བ་དཀར་པོའི་གནས་མཇལ་ལ་ཕྱི་སྐོར་དང་ནང་སྐོར་གཉིས་སུ་དབྱེ་ཡོད་ལ། སྒྲོལ་མ་དང་མོའི་འགྲོ་རོགས་རྣམས་ད་ཐེངས་གནས་མཇལ་དུ་འགྲོ་བའི་ལམ་ཐིག་ནི་ནང་བསྐོར་ཡིན་པ་དང་། རྐང་ཐང་དུ་སོང་ན་ཉིན་གསུམ་བཞི་ཙམ་གྱི་དུས་ཚོད་དགོས།
3 འདི་ནི་སྒྲོལ་མ་དང་མོའི་སྐྱེས་པ་བཀྲ་ཤིས་དབང་ལྡན་གཉིས་གཉེན་སྒྲིག་རྗེས་སུ་ཐོག་དང་པོར་ནང་བསྐོར་ལ་ཡོང་བ་ཡིན་ལ། མི་འདྲ་ས་ཞིག་ཡོད་པ་ནི། ད་ཐེངས་མོས་ རང་ཉིད་ཀྱིས་བཙས་ནས་ཅུང་མ་འགོར་བའི་བྱིས་པ་ཁྲིད་ནས་ཡོང་ཡོད། ཁྱིམ་མི་ཡོངས་ཀྱིས་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྒྲུབ་ཕུག་ལ་མཇལ་རྒྱུའི་གྲ་སྒྲིག་ལེགས་པོ་བྱས་ ཡོད་པ་དང་། སྒྲོལ་མས་བལྟས་ན། འདི་ནི་མོ་དང་མོའི་བྱིས་པ་གཉིས་ཀྱི་མི་ཚེའི་དབུ་ཁྱུད་ཡག་ཤོས་ཤིག་ཏུ་སེམས་ཡོད།
4 སྒྲོལ་མ་དང་མོའི་སྐྱེས་པ་གཉིས་དགའ་སྤྲོ་ཚད་མེད་སྐྱེས་ནས་ཁ་ནས་མ་ཎི་བར་མེད་དུ་བཟློ་བཞིན་ཁྱིམ་གཞི་སྐྱིད་ཅིང་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་། མི་རྣམས་སྐྱིད་ཅིང་ལོ་ཕྱུགས་རྟག་པའི་སྨོན་ལམ་རྒྱག་གིན་འདུག
5 གནའ་ནས་ད་བར་དུ་གནས་སྐོར་མང་པོས་གནས་འདིའི་བོད་རིགས་མང་ཚོགས་ཀྱི་འཚོ་བ་ལ་ཤུགས་རྐྱེན་མང་པོ་ཐེབས་ནའང་། བབ་ཆགས་ཤིང་དྲོད་ཀྱིས་ཕྱུག་པའི་ལྷག་བསམ་དེ་དཀྲོགས་མ་ཐུབ་པར་ད་དུང་མཐོང་ཐོས་ཀྱི་ཡུལ་དུ་འདུག
6 གཡང་སྐྱིད་སྡེ་བ་ནི་ཕྱི་སྐོར་གྱི་མགོ་འཛུགས་ས་དེ་ཡིན། འདི་རུ་གནས་མཇལ་བ་དག་གིས་བསང་ཕུད་པ་དང་གདུག་སྤོས་བསྒྲོན་ནས་གསོལ་འདེབས་བྱེད་བཞིན་ཡོད།
7 གཡང་སྐྱིད་སྡེ་བའི་ལྷ་ཁང་ཆུང་བའི་ནང་དུ། དགོན་པའི་གྲྭ་བས་མཆོདམེ་བསྒྲོན་ཏེ་སྔ་མོ་ནས་གནས་མཇལ་ལ་ཡོང་མཁན་རྣམས་ལ་གསོལ་འདེབས་བྱེད་བཞིན་འདུག གནས་མཇལ་བ་དག་ཀྱང་འདི་རུ་ཡོང་སྟེ་ཕྱག་འཚལ་ནས་ལྷ་བསང་བཏང་ན་ཕྱི་སྐོར་གྱི་ལམ་བར་དུ་གེགས་བར་ཆད་མེད་པར་ཡིད་ཆེས་བརྟན་པོ་ཡོད་དོ།
8 ད་ལྟའི་ཕྱི་སྐོར་ནི་ཉིན་ཞག་བཞི་ནས་བདུན་གྱི་བར་ཡིན་པ་དང་། ལམ་ཁག་འགའ་རེར་རླངས་འཁོར་དང་འཕྲུལ་རྟ་ལ་བསྡད་དེ་སོང་ན་ཆོག་པ་ཡིན་ལ། ཡང་ལམ་ཁག་མང་པོ་ལ་ངེས་པར་དུ་རྐང་ཐང་ལ་འགྲོ་དགོས་པ་ཡིན། སྤྱི་ལེ220ཡི་ལམ་ཐག་གིས་ཞིང་ཆེན་གཉིས་དང་རྫོང་གསུམ་གྱི་ཡུལ་ཁམས་བརྒལ་དགོས་པ་དང་ཆ་སྙོམས་ཀྱིས་སྨི1000གི་ཡས་མས་སུ་ཡོད་པ་དང་། ཆེས་མཐོ་སར་མཚོ་ངོས་ལས་མཐོ་ཚད་ནི་སྨི4815ཡིན།
9 བཀའ་བརྒྱུད་པའི་བླ་མ་སྐུ་ཕྲེང་གཉིས་པས་འདི་རུ་གངས་བསྐོར་ལ་འགྲོ་བའི་སྲོལ་བཏོད་པར་ཡིད་ཆེས་ཡོད་ལ། ཁོ་ཚོ་མི་རབས་ནས་མི་རབས་དང་ཚེ་རབས་ནས་ཚེ་རབས་ཀུན་ཏུ་སངས་རྒྱས་ཀྱི་བྱིན་རླབས་ཀྱིས་ནམ་ཡིན་ཡང་ཐར་བའི་ལམ་དུ་འདྲེན་པར་ཡིད་ཆེས་བརྟན་པོ་ཡོད་པ་ཡིན་ནོ།
10 འདི་ཚོ་ནི་མཚོ་སྔོན་ནས་ཡོང་བའི་ཇོ་མོ་འགའ་ཡིན་ལ། གངས་སྐོར་གྱི་ལམ་བར་དུ་ཁོ་ཚོ་བསྟར་ཕྲེང་བསྒྲིགས་ནས་ཁ་ནས་མ་ཎི་བཟློ་བཞིན་མདུན་ནས་མདུན་དུ་བསྐྱོད་ཀྱིན་ཡོད།
11 མཚོ་ངོས་ལས་མཐོ་ཚད་སྨི3340ཡི་གནས་ཤིག་ཏུ། ཇོ་མོ་རྣམས་ཀྱིས་གོམ་པའི་འདེགས་འཇོག་གི་མཚམས་བཞག་ནས་རྩམ་པ་ཟ་བའི་མགོ་བརྩམས། འགྲམ་དུ་ཡོད་པའི་མཇལ་སྐོར་བ་རྣམས་ཀྱིས་མིག་ཧྲིག་ཧྲིག་གིས་ཁོ་མོ་ཚོ་ལ་ལྟ་བཞིན་འདུག བལྟས་ཚོད་ཀྱིས་ཁོ་མོ་ཚོ་ནི་སངས་རྒྱས་ཀྱིས་མངགས་པའི་ཕོ་ཉ་ལྟ་བུ་ཞིག་ཏུ་སྣང་ལ། ནམ་ཡིན་ཡང་མི་རྣམས་ཀྱི་མིག་དབང་ཅིག་ཅར་དུ་འཕྲོག་བཞིན་ཡོད།
12 ཕྱི་སྐོར་གྱི་ལམ་བར་དུ། སྒྲོལ་མས་ཀྱང་རི་སྐེད་ནས་ངལ་གསོས་སོང་། གཡང་གཟར་ཆེ་བའི་རི་ལམ་དང་གྲང་ངར་ཆེ་ཞིང་དབྱང་དབུགས་དཀོན་པའི་མཐོ་སྒང་གི་ནམ་ཟླས་མོས་དབུགས་ལེན་པ་ལའང་ཤུགས་རྐྱེན་གང་མང་ཐེབས་སོང་། གངས་བསྐོར་གྱི་ལམ་བར་དུ། མི་རྣམས་ཀྱིས་སྐད་ཆ་མང་པོ་མི་བཤད་ལ། བློ་གཅིག་སེམས་གཅིག་གིས་རང་ཉིད་ཀྱི་དམིགས་འབེན་དེའི་ཆེད་དུ་གོམ་སྟབས་མཚམས་མི་འཇོག་པར་མདུན་ནས་མདུན་དུ་བསྐྱོད་བཞིན་ཡོད་དོ།
13 མཚོ་ངོས་ལས་མཐོ་ཚད་སྨི4415ཡིས་མཐོ་བའི་ས་མཚམས་སུ་བོད་རིགས་མང་ཚོགས་ཀྱིས་སྔར་བཞིན་དཔའ་ངར་ཞུམ་མེད་ཀྱིས་རང་ཉིད་ཀྱི་དམིགས་འབེན་དེའི་ཆེད་དུ་གོམ་མཚམས་མི་འཇོག་པར་བསྐྱོད་བཞིན་མཆིས་སོ།
14 གངས་སྐོར་ཀྱི་དུས་ཚིགས་ནི་ལོ་རེའི་ཟླ་བདུན་པ་ནས་ཟླ་བཅུ་གཅིག་པའི་བར་དུ་ཡིན་ལ། ངལ་གསོ་སའི་ས་ཚིགས་རྣམས་སུ་བོད་རིགས་མང་ཚོགས་རྣམས་ཀྱིས་སྔ་མོ་ནས་སྦྲ་གུར་དང་འདུག་གནས་སོགས་བཀོད་སྒྲིག་ལེགས་པོ་བྱེད་པ་ཡིན།
15 ནམ་གུང་གི་དུས་ཚོད་གསུམ་ཡས་མས་སུ། ཟླ་འོད་དང་སྐར་འོད་ས་གཞིའི་སྟེང་གི་བ་མོའི་ཐོག་ཏུ་འཕྲོས་ཚེ། ས་གཞི་ཡོད་ཚད་དྲི་མས་མ་གོས་པའི་གོས་དཀར་གྱི་ཡོལ་བ་ཞིག་དང་ཀུན་ནས་མཚུངས་ལ། དེའི་ཚེ་ཡང་ཇོ་མོ་རྣམས་སྔ་མོ་ནས་མལ་ལས་ལངས་ཏེ་དད་པའི་འདུན་མ་བཅངས་སའི་འཕགས་པའི་གནས་མཆོག་དེ་རུ་གོམ་ཁ་བསྒྱུར་མགོ་བརྩམས།
16 གངས་སྐོར་གྱི་ལམ་བར་དུ། གངས་སྐོར་བ་རྣམས་རྣམ་པ་མི་གཅིག་པའི་དཀའ་ངལ་སྣ་ཚོགས་ལ་འཕྲད་འོང་བ་དང་། དེང་རབས་ཀྱི་འགྲིམ་འགྲུལ་གྱིས་སྟབས་བདེ་བཟོ་ཐུབ་པའི་ལམ་ཐག་ནི་ཧ་ཅང་ཐུང་བས། ལམ་གྱི་དཀའ་ངལ་ནི་ཀུན་ལས་མང་ཞིང་ཀུན་ལས་ཡ་ང་བ་ཞིག་རེད། འོན་ཀྱང་དཀའ་ངལ་འདི་འདྲ་ཞིག་གིས་ཚེ་རབས་ཀུན་ཏུ་གནས་མཆོག་ཁ་བ་དཀར་པོར་མཇལ་བསྐོར་དུ་འགྲོ་བའི་བོད་རིགས་མང་ཚོགས་ཀྱི་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་དེ་ལ་གས་ཆག་ག་ལ་བཟོ་ཐུབ།
17 འབར་ཁམས་ནས་ཡོང་པའི་མཇལ་བསྐོར་བ་འགས་རྒྱབ་ཀྱི་གོན་པ་དང་ཅ་ལག་སོགས་སར་བཞག་སྟེ། ནས་འབྲུ་དང་བསང་རྫས། གདུག་སྤོས་སོགས་བླངས་ནས་རྒྱང་རིང་གི་གནས་མཆོག་དེ་ལ་རྒྱང་མཇལ་བྱས། ཁོ་ཚོ་གཏན་དུ་གནས་མཆོག་ཁ་བ་དཀར་པོའི་མགོན་སྐྱབས་ལ་ཡིད་ཆེས་ཤིང་། དཀའ་སྡུག་གང་མང་བརྒྱུད་ནས་ལུས་ངག་ཡིད་གསུམ་མཆོད་པར་བགྱིས་ན་ཚེ་འདི་ཕྱི་གཉིས་ལ་འཚེ་མེད་བདེ་སྐྱིད་ཡོང་པའི་ཡིད་ཆེས་བརྟན་པོ་ཡོད་དོ།
18 དུས་རབས་ལ་འགྱུར་ལྡོག་འབྱུང་བཞིན་ཡོད་ལ། གངས་སྐོར་གྱི་ལམ་ཕྲན་དག་ལའང་འགྱུར་ལྡོག་འབྱུང་བཞིན་ཡོད། འོན་ཀྱང་བོད་རིགས་མང་ཚོགས་ཀྱི་དད་པའི་སྟོབས་ལ་འགྱུར་ལྡོག་འབྱུང་ག་ལ་སྲིད། རྒྱུ་མཚན་ནི་བོད་རིགས་མང་ཚོགས་ཀྱི་དད་པའི་སྟོབས་ནི་ཕྱི་ཡི་ལུས་ཙམ་མ་ཡིན་པར་ལུས་ངག་ཡིད་གསུམ་ལ་ཁྱབ་ཡོད་པའི་རྐྱེན་རེད། གངས་བསྐོར་ནི་བོད་རིགས་མང་ཚོགས་ལ་མཚོན་ན། དོན་སྙིང་ཐུན་མོང་མ་ཡིན་པ་ཞིག་ལྡན་ལ། མི་རབས་ནས་མི་རབས་ལ་འགྱུར་དུ་མེད་པའི་ལུས་ངག་ཡིད་གསུམ་གྱི་མཆོད་པ་དྭངས་མོ་དེ་ཡིན་ནོ།
19 ཉི་མ་རི་ལ་ནུབ། ས་གཞི་སྨག་གིས་བཟུང་། མཇལ་བསྐོར་བ་རྣམས་གནས་མཇལ་གྱི་ལམ་བར་དུ་རྡོ་འདྲིལ་རི་ཉིལ་མང་པའི་ས་ཁུལ་དུ་སླེབས་སོང་། ཁ་བ་དཀར་པོའི་ཐུན་མོང་མ་ཡིན་པའི་རང་བྱུང་གི་ཁོར་ཡུག་གིས་བོད་རིགས་མང་ཚོགས་ལ་གཞན་དང་བསྡུར་ཐབས་མེད་པའི་དད་པའི་འབྱུང་ཁུངས་ཀྱི་རྨང་གཞི་བསྐྲུན་ཡོད་ལ། དེས་མི་རིགས་ཤིག་གི་རིག་གནས་ད་དུང་མུ་མཐུད་དུ་མདུན་ནས་མདུན་བསྐྱོད་པར་ཤུགས་རྐྱེན་མི་ཉུང་བ་ཞིག་ཐེབས་ཀྱིན་ཡོད་དོ།
20 ཕྱི་སྐོར་གྱི་ཉིན་གསུམ་པར། ཆོས་བཟང་གིས་དུས་ཚོད་བཅུ་ཕྲག་འགའི་ལམ་བར་དུ་ངལ་གཅིག་ཀྱང་མ་གསོས་པར་ད་གཟོད་ཚ་བ་ལུང་ཤང་དུ་ཐོན་སོང་། ངལ་དུབ་ཀྱི་མནར་བའི་ཁོ་རང་དེ་གར་ཐོན་མ་ཐག་གཉིད་དུ་ཡུར་ནས་རྨི་ལམ་གྱི་ཞིང་ཁམས་སུ་བུད་སོང་།
21 ཚ་བ་ལུང་ཤང་དུ་འདུ་འཛོམས་བྱས་ཡོད་པའི་མཇལ་བསྐོར་བ་རྣམས་ཀྱིས་རང་རྟོགས་ཀྱི་སྒོ་ནས་རུ་ཁག་ཆུང་ཆུང་ཞིག་བསྒྲིགས་ནས་མདུན་དུ་བསྐྱོད་ཀྱིན་ཡོད། ནམ་སྨད་ཀྱི་ཆུ་ཚོད་དྲུག་པར་ཐོན་ནའང་། མཇལ་སྐོར་བ་རྣམས་ཀྱིས་རྒྱབ་ཀྱི་ངལ་དུབ་ས་འཇོག་མ་ཐུབ་པར་སྔར་བཞིན་གནས་མཇལ་གྱི་ལམ་དུ་བསྐྱོད་བཞིན་མཆིས་སོ།
22 ཆུ་ཚོད་གཉིས་ཀྱི་ལམ་ཐག་བརྒྱུད་མཐར། ཆོས་བཟང་དང་ཁོའི་འགྲོ་རོགས་རྣམས་ཁོ་ཚོ་མཉམ་དུ་ལམ་ཐག་གང་མང་བརྒྱུད་པའི་གནས་མཇལ་བ་གཞན་དག་དང་ཁ་བྲལ་ཏེ། གནས་མཇལ་བའི་ལམ་ཁ་གཞན་ཞིག་བརྒྱུད་ནས་བདེ་ཆེན་རྫོང་ལ་ཐོན་བྱུང་།
23 ཆོས་བཟང་གིས་མཇལ་བསྐོར་བ་གཞན་དག་ལ་གནས་མཇལ་གྱི་ལམ་ཐིག་འདྲི་རྩད་བྱེད་བཞིན་འདུག
24 ཆུ་ཚོད་གསུམ་གྱི་སྟེང་ཡར་ལངས་ཏེ་ཆུ་ཚོད་ལྔ་ལྷག་ལ་རི་བོར་འཛེགས་པ་ན་མ་ཎི་སྐོར་མཁན་རྣམས་གངས་རིའི་རྒྱབ་ཀྱི་མཚོ་ངོས་ལས་སྨི་4815ཡོད་པའི་ཉག་ཁ་་དེར་ཐོན་ཐུབ། གནས་འདིར་དབྱང་རླུང་ཉུང་ལ་བྲག་རྡོ་མང་བས། གདོད་མའི་རང་བྱུང་ཁོར་ཡུག་གི་རྣམ་པ་ཡོངས་སུ་མཚོན་ཡོད།
25 མཚོ་ངོས་ལས་སྨི4815ཡོད་པའི་གནས་འདི་རུ་བསང་ཕུད་པ་དང་རླུང་རྟ་སྤུར་ནས་སྐད་གསེང་མཐོན་པོའི་ལྷ་རྒྱལ་ལོ་ཟེར། བོད་པ་རྣམས་གངས་བསྐོར་བྱེད་པ་ནི་གསང་བ་ལྐོག་གྱུར་ཞིག་མིན་ལ་གེགས་དང་བར་ཆད། མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ་མི་འབྱུང་པར་གསོལ་བ་འདེབས་པའི་ཆེད་དུ་ཡིན། གངས་བསྐོར་ནི་བོད་མིའི་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་ཤ་རུས་གསེང་དུ་འཐིམས་ཡོད།
26 དུས་ཚོད་བདུན་གྱི་སྟེང་གནས་མཆོག་ཁ་བ་དཀར་པོ་ཡུན་གྱིས་མི་ཎི་བསྐོར་མཁན་རྣམས་ཀྱི་མིག་མདུན་དུ་མངོན་བྱུང་། གངས་སྐོར་གྱི་ལམ་དུ་དཀའ་སྡུག་ཇི་འདྲི་ཆེ་ན་ཡང་དད་པའི་སྟོབས་ཀྱིས་དེ་དག་ཐམས་ཅད་སྐད་ཅིག་ཉིད་ལ་ཐལ་བའི་རྡུལ་ལྟར་བརླགས་པར་བྱེད་སྲིད།
27 ཟླ་འོད་ཡུན་གྱིས་ཡལ་བ་ན། གནས་མཆོག་ཁ་བ་དཀར་པོས་ཉི་འོད་མདུན་དུ་བསུས་ནས་ཉིན་གསར་བ་བསུ་བའི་མགྲོན་པོ་ཐོག་མ་དེ་བྱས་སོང་། ཟི་ཁྲོན་དཀར་མཛེས་ནས་ཡོང་བའི་ཨ་ཁུ་ཞིག་ཉག་ཁ་དང་ཐག་མི་རིང་བའི་རི་འདབས་སུ་བསྡད་བྱུང་།
28 ཉིན་ལྔ་འགོར་རྗེས། ཆོས་བཟང་གིས་ཕྱི་སྐོར་གྱི་མགོ་རྩོམ་སའི་གནས་དེ་རུ་སླེབས་ནས་ལག་ཟུང་བྲང་ཁར་སྦྱར་ཏེ་བློ་གཅིག་སེམས་གཅིག་གིས་གནས་མཆོག་ཁ་བ་དཀར་པོར་གསོལ་བ་བཏབ། བོད་རིགས་མང་ཚོགས་རྣམས་ལ་མཚོན་ན་འདི་ཐམས་ཅད་ཚེ་འདི་ཕྱི་གཉིས་ཀྱི་བདེ་སྐྱིད་ཅིག་དང་མཆོད་པ་དྭངས་མོ་ཞིག་ཏུ་བསམ་ཡོད་དོ།།
(来源:中国藏通网)
往期回顾
【跟我学藏语】关于塔尔寺你知道多少??
【跟我学藏语】这些亲戚关系你能分的清不???
【跟我学藏语】人人向往的圣地,你了解多少······
【跟我学藏语】智慧与爱心该不该并驾齐驱呢······
【跟我学藏语】学会这几句,走遍青海不愁吃!!!
【跟我学藏语】贵德的朋友们,这种风格你们喜欢吗?
贵德在线,咱们贵德人的平台