人生的信条就在于:不忘初心,方得始终。所以要有始有终,当然更多实用的甜头还在后面呢,望各位有想法的同胞们不要再犹豫,每日关注【贵德在线】平台,我们每天将会推送相对系统的藏语教学内容,让每一位想了解新知识新文化的同胞有所收获!!!
精心的备课有没有打动你呢?如果心动了就继续跟【贵德在线】小编一起来学习吧!!!
ཉེ་ལམ། དྲག་རྩལ་བ་པད་མ་རྡོ་རྗེ་སླར་ཡང་ཧེ་ནན་བརྙན་འཕྲིན་ཁང་གི་དྲག་རྩལ་འགྲན་བསྡུར་(武林笼中对)ལ་ཞུགས་ཡོད་ཅིང་། འགྲན་ཡ་ཡོ་རོབ་ཧོ་ལན་རྒྱལ་ཁབ་ཀྱི་དྲག་རྩལ་བ་ལས་རྣམ་པར་རྒྱལ་ཞིང་། ཁོང་གི་དྲག་རྩལ་ལ་མི་མང་པོའི་བསྔགས་བརྗོད་ཐོབ་འདུག
དེ་སྔོན། དྲག་རྩལ་བ་པད་མ་རྡོ་རྗེ་ཐེངས་དུ་མར་འགྲན་ཡ་ལས་རྒྱལ་མྱོང་།
དྲག་རྩལ་བ་པད་མ་རྡོ་རྗེ།
རང་ལོ་༡༨དང་ཕ་ཡུལ་རྔ་བ་ཁྱུང་མཆུ་རྫོང་ནས་ཡིན་པའི་བོད་ཀྱི་གཞོན་སྐྱེས་དྲག་རྩལ་བ་པད་མ་རྡོ་རྗེ་ཧེ་ནན་བརྙན་འཕྲིན་ཁང་གིས་སྒྲུབ་པའི་དྲག་རྩལ་འགྲན་བསྡུར་ཆེན་མོ་ཞིག་(武林笼中对)ཐོག་བསྟུད་མར་ཨུ་རུ་སུ་དང་། འཇར་པན་སོགས་རྒྱལ་ཁབ་ཀྱི་འགྲན་ཡ་ལས་རྣམ་པར་རྒྱལ་ཞིང་འགྲན་བསྡུར་དེའི་ད་སྔའི་འགྲན་བསྡུར་སྐར་གྲངས་མཐོ་ཤོས་ཐོབ་པའི་དྲག་རྩལ་བར་གྱུར་ཡོད་པ་དང་། ཁོང་གི་དྲག་རྩལ་ལ་མི་མང་པོས་བསྟོད་པའི་མཐེ་བོང་སྒྲེང་ཞིང་མ་འོངས་མདུན་ལམ་ཆེ་བའི་ལྟ་ཚུལ་འཛིན་བཞིན་ཡོད་པ་མ་ཟད། གཞན་ཁོང་འགྲན་རར་ཞུགས་སྐབས་བོད་གླུ་གཏོང་བ་དང་། འགྲན་རར་མ་ཞུགས་གོང་ཕྱག་འཚལ་ནས་སྨོན་ལམ་འདེབས་པ། ཡང་བྱ་དགའ་ལེན་སྐབས་བོད་ལྭ་གྱོན་པ་སོགས་ཀྱི་བྱ་སྤྱོད་ལའང་མི་མང་པོས་བསྔགས་བརྗོད་བྱེད་བཞིན་ཡོད།
དྲག་རྩལ་བ་པད་མ་རྡོ་རྗེ།
(རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ)
贵德在线,咱们贵德人的平台