toppic
当前位置: 首页> 修真小说> 【跟我学藏语】《塔洛》和万玛才旦······

【跟我学藏语】《塔洛》和万玛才旦······

2021-07-27 14:48:49

 

点击上面蓝色字快速关注

贵德本地最具影响力的新媒体,定期推送贵德新闻资讯同城爆料优惠信息房产资讯吃喝玩乐等诸多优质内容,已拥有粉丝2万+商务合作电话:18097041234 你爆料我奖励,爆料身边新鲜事,凡参与同城爆料的网友及市民都有机会获得1至50元不等的红包奖励。

合作、爆料、投稿微信:wenwen880412

你真的想用藏语能说会道吗?

为了让更多对【跟我学藏语】的同胞们了解更多的艺术文化,同时也让大家轻轻松松快快乐乐的学习藏语,我们特意丰富了内容,所以只要有兴趣的同胞们每天关注该栏目,我们会让每一位爱好者轻轻松松地学习藏语,快快乐乐地分享文化!


思考

其实世界很美好


建议:

从这个小短片中你能看到什么?

又有何感受呢?

如果您也觉得有必要让身边的人看到,

那就给身边的亲朋好友分享分享唄!!!


即便人活着有很多不如意之事,

但换一种方式不仅能找到生活乐趣、

也能得到别人的认可······

您说呢?



听听故事,轻轻松松学藏语!!!

 


人生的信条就在于:不忘初心,方得始终。所以要有始有终,当然更多实用的甜头还在后面呢,望各位有想法的同胞们不要再犹豫,每日关注【贵德在线】平台,我们每天将会推送相对系统的藏语教学内容,让每一位想了解新知识新文化的同胞有所收获!!!

精心的备课有没有打动你呢?如果心动了就继续跟【贵德在线】小编一起来学习吧!!!

【ཐར་ལོ་དང་འཁྲབ་འཁྲིད་པ་པདྨ་ཚེ་བརྟན།】

ཐར་ལོའི་གཏམ་རྒྱུད་ནི་ང་ཚོའི་གཏམ་རྒྱུད་ཡིན་ལ།ཐར་ལོ་ནི་ང་ཚོའི་བསྡུས་གཟུགས་ཡིན།དེ་བས།ངས་བརྗོད་འདོད་པ་ནི་མི་སྒེར་ཞིག་མ་ཡིན་པར།ང་ཚོ་མི་རབས་ཤིག་གི་བསྡུས་གཟུགས་ཡིན།                             ________པདྨ་ཚེ་བརྟན།




11.22


   ཟླ11པའི་ཚེས22ཉིན།གློག་བརྙཐར་ལོརང་ཁུལ་ནས་སྟོན་མགོ་བརྩམས།གློག་བརྙན་བསྟུད་མར་སྟོན་པའི་ཉིན་དེ་དག་ལ་གུང་ཧོ་རྫོང་གི་སྣ་རྒྱ་སྣ་འཛོམས་རྒྱལ་སྤྱིའི་གློག་བརྙན་ཁང་དུ་ཕལ་ཆེར་ལྟད་མོ་བ་ཡིས་གང་འདུག་པར་མ་ཟད།ལྟད་མོ་བས་གདེང་འཇོག་ཆེན་པོ་བྱེད་ཀྱིན་ཡོད། 



ཐར་ལོ།



    ཟླ11པའི་ཚེས24ཉིན་གྱི་ཕྱི་དྲོ།གློག་བརྙནཐར་ལོཡི་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་དང་འཁྲབ་མཁན་པ་གཙོ་བོ་ཞི་བདེ་ཉི་མ་སོགས་གུང་ཧོ་རྫོང་གི་སྣ་རྒྱ་སྣ་འཛོམས་རྒྱལ་སྤྱིའི་གློག་བརྙན་ཁང་དུ་ཕེབས་ཏེ་ལྟད་མོ་བ་དང་མཉམ་དུ་ཡུལ་དངོས་ནས་བསམ་བློ་བརྗེ་རེས་བྱས།


    ཉིན་དེར།གསར་འགོད་པས་གློག་བརྙན་པར་རྒྱག་དང་སྒྲིག་བཟོ་གོ་རིམ། བརྩེ་དུང་མཚོན་པ་སོགས་ཀྱི་གནད་དོན་ཐད་ནས་པདྨ་ཚེ་བརྟན་ལ་བཅར་འདྲི་བྱས།





     གློག་བརྙན་ཐོག་མར་འགྲེམ་སྟོན་བྱེད་ཡུལ་མཚོ་སྔོན་འདེམས་དོན་ཅི་ཡིན་པ་དང་།དེང་རབས་ཀྱི་གློག་བརྙན་ནི་ཚོན་ལྡན་ཅན་ཡིན་ལ་འོན་ཀྱང《ཐར་ལོ》ནི་ཚོན་མེད་ཅན་གྱི་གློག་བརྙན་ཞིག་ཡིན་པའི་རྒྱུ་མཚན་ཅི་ཡིན།






    ཐོག་མར་འདི་ནི་ངས་གློག་བརྙན་ཕབ་སྐྲུན་བྱེད་ས་ཡིན་པ་དང་།གནས་འདི་ནི་ངའི་ཕ་ཡུལ་ཡང་ཡིན།གནས་འདིར་ཡུན་རིང་བའི་ལོ་རྒྱུས་རིག་གནས་དང་ཐུན་མིན་གྱི་རང་བྱུང་ཐོན་ཁུངས་འཛོམས་ཡོད་པ་དང་དེའི་ཁོར་ཡུག་གིས་རྣམ་པར་བཀྲ་བའི་ཕུལ་བྱུང་རིག་གནས་སྦྲུམ་ཡོད།འདི་འདྲ་སྣ་མང་ཅན་གྱི་རིག་གནས་ཕོག་ཐུག་དང་མི་རིགས་མང་པོ་འདུས་པའི་ས་གནས་སུ་ངའི་གསར་རྩོམ་ལ་གཏིང་ཟབ་པའི་བག་ཆགས་ཐེབས་ཡོད།

    གློག་བརྙན་འདི་ནི་ཅི་ཞིག་ལ་ཚོན་མེད་ཅན་རེད་ཟེར་ན།འདི་ནི་ཁེངས་སྐྱུང་དང་བབ་ཆགས་ཀྱི་གཏམ་རྒྱུད།ཚོན་མེད་ཉམས་འགྱུར་གྱི་པར་ལེན་གྱི་རྣམ་པ་ཞིག་ཡིན་པ་དང་།མཐོང་ཚོར་གྱི་ཉམས་འགྱུར་ཞིག་ཡིན་པའི་གཏམ་རྒྱུད་ཁྲོད་ཀྱི་མི་སྣའི་འཚོ་བ་དེ་བབ་ཆགས་དང་སྟབས་བདེ་ཡིན་པ་དང་འདྲ་། གློག་བརྙན་ཁྲོད་ཀྱི་མི་སྣ་གཙོ་བོ་ཐར་ལོའི་འཇིག་རྟེན་ནི་ནག་པོ་སྟེ་དཀར་པོ་ཡིན་ལ། ཚོན་མེད་པར་ལེན་བྱེད་པ་དེ་ནི་མི་སྣའི་གཟུགས་བརྙན་དང་མཐུན་པར་ཆེད་ཡིན་པས། མི་སྣ་གཙོ་བོ་དེའི་སྟབས་བདེའི་སེམས་པའི་ཞིང་ཁམས་མཚོན་ཡོད།《ཐར་ལོ》ནི་སྔོན་ཆད་ཀྱི་བརྩམས་ཆོས་དང་མི་འདྲ་ལ།ཚོན་མེད་ཀྱི་པར་ལེན་བྱེད་པ་དེའི་ཕན་འབྲས་ཀྱང་མི་སྣའི་གཟུགས་བརྙན་དེ་བས་མངོན་གསལ་དོད་ཡོད།










རྒན་ཞི་བདེ་ཉི་མ་ལགས་འཁྲབ་མཁན་གཙོ་བོར་བདམས་དོན་ཅི་ཡིན།






    འཁྲབ་སྟོན་པ་འདེམས་གསེས་བྱེད་སྐབས།རྒན་ཞི་བདེ་ཉི་མའི་སྣང་བརྙན་དེ་ངའི་བསམ་ཡུལ་དུ་རང་འགུལ་གྱི་ཐར་ལོ་དང་ཚད་མཐོའི་མཉམ་འདྲེས་བྱུང་།རྒན་ཞི་བདེ་ཉི་མ་ནི་དུས་རྒྱུན་དགོད་བྲོ་བའི་གཟུགས་བརྙན་ཅན་ཞིག་ཡིན་མོད།གློག་བརྙན་འདིའི་ནང་འཁྲབ་སྟོན་བྱས་པར་གཟུགས་བརྙན་སྔར་བས་འབྱོར་པོ་ལྡན་འདུག








  《ཐར་ལོ》ནི་ཁྱེད་ཀྱི་བརྩམས་ཆོས་སྔོན་མ་དང་བསྡུར་ན་ཁྱད་ཆོས་གང་འདྲ་ཞིག་ཡོད་པ་དང་རྒྱབ་ཁབ་ཕྱི་ནང་གིས་ཅིའི་ཕྱིར་ཚད་མཐོའི་མཐོང་ཆེན་ཐོབ་པ་དང་།ད་དུང་ཁྱོད་ལ་གློག་བརྙན་འདིར་ལྟ་ཚུལ་ཅི་ཞིག་ཡོད།



    སྔོན་ཆད་ཀྱི་བརྩམས་ཆོས་ལའང་བྱ་དགའ་མང་པོ་ཞིག་ཐོབ་མྱོང་མོད།འོན་ཀྱང་འདི་ལྟ་བུའི་གློག་བརྙན་ཁང་དུ་སྟོན་པའི་གོ་སྐབས་ཞིག་མ་བྱུང་བས།ལྟད་མོ་བ་རྣམས་ཀྱིས་མཐོང་ཆེན་དེ་འདྲ་ཞིག་མ་ཐོབ།སྔོན་གྱི་བརྩམས་ཆོས་དང་བསྡུར་ན།རང་ཉིད་ཀྱི་བལྟས་ན།གློག་བརྙན《ཐར་ལོ》ཞེས་པ་འདི་གཞན་དང་མི་འདྲ་བའི་ཁྱད་ཆོས་ནི།ལྟད་མོ་བ་རེ་རེའི་མིག་ལམ་ན་མི་འདྲ་བའི་ཐར་ལོ་རེ་རེ་ཞིག་ཡོད་པར་མ་ཟད།སྔར་ལས་སྤྱིར་བཏང་གི་བོད་མིའི་འཚོ་བ་དང་འབྲེལ་ཡོད་པ་དེ་ཡིན།






     བརྩམས་ཆོས་གང་དང་གང་ཡིན་རུང་། མི་རེ་རེ་ལ་ལྟ་ཚུལ་རེ་རེ་ཞིག་ཡོད་པ་དང་མཐར་ཐོབ་པའི་སྡོམ་ཚིག་ཀྱང་མི་འདྲའོ། 《ཐར་ལོ》ཞེས་པའི་གློག་བརྙན་དེའི་ནང་དུ་སྤྲོ་དགོས་ས་དང་སྡུག་དགོས་ས།ད་དུང་བསམ་གཞིགས་བྱེད་དགོས་ས་ཡོད་པས།གློག་བརྙན་ལ་བལྟས་རྗེས།མི་རེ་རེ་ལ་བསམ་ཚུལ་མི་འདྲ་ཞིག་ཡོད།ལ་ལས་ངོ་མ་ཡིད་སྐྱོ་བ་ཞིག་རེད་འདོད་པ་དང་ལ་ལས་སྤྲོ་བའང་མ་རེད་སྐྱོ་དགོས་པའང་མ་རེད་ཟེར།


  




རྩོམ་སྒྲིག་འགན་འཁུར་པ།གདུགས་བྟེ།

རྩོམ་སྒྲིག་པ།དོན་འགྲུབ་སྒྲོལ་མ།

(内容来源于网络)


贵德在线学习平台


往期回顾


【跟我学藏语】制作酥油花有多困难你知道吗?

【跟我学藏语】你知道塔尔寺的酥油花所代表的内容吗?(五)

【跟我学藏语】你知道制作酥油花有哪些讲究吗?(四)

【跟我学藏语】谁的回眸遮我半世琉离,仓央嘉措······

【跟我学藏语】智慧与爱心该不该并驾齐驱呢······

      贵德在线,咱们贵德人的平台



友情链接