人生的信条就在于:不忘初心,方得始终。所以要有始有终,当然更多实用的甜头还在后面呢,望各位有想法的同胞们不要再犹豫,每日关注【贵德在线】平台,我们每天将会推送相对系统的藏语教学内容,让每一位想了解新知识新文化的同胞有所收获!!!
精心的备课有没有打动你呢?如果心动了就继续跟【贵德在线】小编一起来学习吧!!!
【༄༅།།བོད་ཀྱི་སྐྱེས་ཆེན་དམ་པ་ཁག་གཅིག】
པཎ་ཆེན་སྐུ་ཕྲིང་བཅུ་བ་ཆོས་ཀྱི་རྒྱལ་མཚན།
༼ ༡༩༣༨-༡༩༨༩༽
སློབ་གྲྭར་འགྲོ་དུས་བོད་ཡིན་ནའང་། མར་ཡོང་དུས་རུས་པ་བོད་ཡིན་ཀྱང་བོད་ཀྱི་བྲོ་མེད་པ་ཞིག་མ་བྱེད། རེ་བ་ཡིན།
—པཎ་ཆེན་རིན་པོ་ཆེ།
རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག།
༼ ༡༨༨༤-༡༩༦༨ ༽
ཤེས་རབ་ཉི་མ་འབར་བའི་འོད་སྣང་གིས།།
ཚན་རིག་རིག་གནས་གནམ་སའི་ཁྱོན་འགེངས་པ།།
འཇིག་རྟེན་བདེ་སྐྱིད་འདྲེན་པའི་བླ་ན་མེད།།
དེ་ཕྱིར་འབད་འབུངས་མཛོད་ཅིག་གྲོགས་པོ་དག །
—ཤེས་རབ་རྒྱ་མཚོ།
མཁས་དབང་དགེ་འདུན་ཆོས་འཕེལ།
༼ ༡༩༠༣-༡༩༥༡ ༽
རང་སྡེའི་རིགས་ལ་ཞེན་པ་དཀར་བོའི་མདངས།།
རང་བྱུང་སྙིང་གི་དབུས་ན་གནས་པ་འདིས།།
རང་ཡུལ་ཁ་བ་ཅན་གྱི་རྗེས་འབངས་ལ།།
རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ།།
—དགེ་འདུན་ཆོས་འཕེལ།
ཆོས་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས།
༼ ༡༩༣༣-༢༠༠༤ ༽
རང་ཚུགས་མ་ཤོར། ། གཞན་སེམས་མ་དཀྲུག །
__འཇིགས་མེད་ཕུན་ཚོགས།
ཚེ་ཏན་ཞབས་དྲུང་།
༼ ༡༩༡༠-༡༩༨༥ ༽
ལྟ་ན་སྡུག་པའི་གྲོང་ཁྱེར་ལས་ལྷག་པའི།།
སྙིང་པོའི་སྙིང་པོར་ཡོངས་འཕགས་ནུབ་བྱང་གི །
མི་རིགས་ཡོངས་ཀྱི་སློབ་གྲྭ་ཆེན་མོ་དེ།།
ཡོན་ཏེན་ནོང་བུའི་གཏེར་ཁ་མཆོག་དུ་བསྔགས།།
—ཚེ་ཏན་ཞབས་དྲུང་།
དམུ་དགེ་བསམ་གཏན།
༼ ༡༩༡༤-༡༩༩༣ ༽
རང་ཚུག་རང་གིས་ཟིན་ན།། དུན་རྣམས་ཀུན་དུ་འགེའོ།།
ཚོད་མེད་མགོ་རྒྱལ་གྱུར་ན།། ནམ་ཞིག་གཡང་སར་ལྷུང་ངོ།།
__དམུ་དགེ་བསམ་གཏན།
མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས།
༼ ༡༩༢༧-༡༩༩༧ ༽
མི་ཞིག་ཚད་ལྡན་ཡིན་དང་མིན་གྱི་ཚད་གཞི་མི་དེ་རྒྱབ་སྐྱོར་བྱེད་མཁན་མང་ཉུང་ཐོག་ནས་བལྟ་རྒྱུ་མེན་པར། མི་དེས་བཤད་པའི་སྐད་ཆ་དེ་དང་བསམ་བློ་དེ་དངོས་ཡོད་གནས་ཚུལ་དང་མཐུན་ན་མི་དེ་ཚད་ལྡན་ཡིན་པ་དང་། དེ་མིན་ན་ཚད་ལྡན་མིན།
__དུང་དཀར་བློ་བཟང་འཕྲིན་ལས།
འབའ་བ་ཕུན་ཕོགས་དབང་རྒྱལ།
༼ ༡༩༢༡-༢༠༡༤༽
ང་ནི་རང་དབང་ཆེད་དུ་རང་དབང་ཤོར།།
རང་དབང་མེད་ཀྱང་རང་དབང་ཡོད་པ་ཡིན། །
—ཕུན་ཕོགས་དབང་རྒྱལ།
མཁས་དབང་དོན་གྲུབ་རྒྱལ།
༼ ༡༩༥-༡༩༨༥ ༽
ཤ་ཟ་བ་ཙམ་གྱིས་གཅན་གཟན་དུ་འགྱུར་མི་རུང་བ་དང་།
གདོང་དམར་བ་ཐམས་ཅད་སྤྲེའུའི་རིགས་ག་ལ་ཡིན།
——དོན་གྲུབ་རྒྱལ།
གསུང་རབ་རྒྱ་མཚོ།
ཉན་ཤུམ་མཁྱེན་རབ་འོད་གསལ།
ཐབས་མཁས་སྤྱོད་པས་གཞན་དོན་འགྲུབ་པའི་ཚེ།།
ལྟར་སྣང་ཆོས་པའི་གཟུགས་དང་མི་མཐུན་ཡང་།།
འགྲོ་མང་བདེ་ལ་འགོད་པའི་རྒྱུ་ཡིན་ན།།
ཉེས་པ་མེད་པར་འགྲོ་བ་འདེན་པས་གསུངས།།
—མཁྱེན་རབ་འོད་གསལ།
往期回顾
【跟我学藏语】傲气冲天的狮子会有什么下场呢······
【跟我学藏语】谁的回眸遮我半世琉离,仓央嘉措······
【跟我学藏语】关于塔尔寺你知道多少??
【跟我学藏语】智慧与爱心该不该并驾齐驱呢······
【跟我学藏语】学会这几句,走遍青海不愁吃!!!
【跟我学藏语】贵德的朋友们,这种风格你们喜欢吗?
贵德在线,咱们贵德人的平台