toppic
当前位置: 首页> 穿越小说> 【跟我学藏语】霍尔甘孜绒巴岔地域丧葬习俗

【跟我学藏语】霍尔甘孜绒巴岔地域丧葬习俗

2021-07-25 07:43:52
点击上面蓝色字快速关注

贵德本地最具影响力的新媒体,定期推送贵德新闻资讯同城爆料优惠信息房产资讯吃喝玩乐等诸多优质内容,已拥有粉丝2万+商务合作电话:18097041234 你爆料我奖励,爆料身边新鲜事,凡参与同城爆料的网友及市民都有机会获得1至50元不等的红包奖励。

合作、爆料、投稿微信:wenwen880412

你真的想用藏语能说会道吗?

为了让更多对【跟我学藏语】的同胞们了解更多的艺术文化,同时也让大家轻轻松松快快乐乐的学习藏语,我们特意丰富了内容,所以只要有兴趣的同胞们每天关注该栏目,我们会让每一位爱好者轻轻松松地学习藏语,快快乐乐地分享文化!


看看上述词汇吧,有配音很好记哦!!!



贵德在线全体成员祝大家元旦快乐!




人生的信条就在于:不忘初心,方得始终。所以要有始有终,当然更多实用的甜头还在后面呢,望各位有想法的同胞们不要再犹豫,每日关注【贵德在线】平台,我们每天将会推送相对系统的藏语教学内容,让每一位想了解新知识新文化的同胞有所收获!!!

精心的备课有没有打动你呢?如果心动了就继续跟【贵德在线】小编一起来学习吧!!!

霍尔甘孜绒巴岔地域丧葬习俗





    ལྕང་ཞབས་པ་འགྱུར་མེད་ཚེ་དབང་། སྤྱི་ལོ་1964ལོར་དཀར་མཛེས་རྫོང་རོང་པ་ཚ་རུ་སྐྱེས། 1982ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་སློབ་གྲྭའི་རང་མལ་དུ་ལས་བགོས་བྱས་ཏེ་བགྲང་ལོ་སུམ་ཅུ་ལྷག་གི་རིང་ལ་དགེ་རྒན་གྱི་མཛད་འཕྲིན་བསྐྱངས། ད་སྐབས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོ་གཞོན་པའི་འགན་བཞེས་ཡོད།
རིན་ཆེན་ཁྲི་ཐོག་བཞུགས་པའི་བླ་ཆེན་དང་།། 
གསེར་འབྲུག་སྡེར་ལྔ་དབང་བའི་དཔོན་དང་གཙོ།།
བྲག་ཕུག་གླུ་ལེན་ཅན་གྱི་རྣལ་འབྱོར་པ།།
ཀུན་ཀྱང་སྐྱེ་འཆི་གཡང་གི་ར་བར་འདུས།།


སྐྱེ་འཆིའི་སྲང་ལ་ཀུན་ཀྱང་གཞལ་བ་ན།།

ཚེ་རིང་ཚེ་ཐུང་གཉིས་ཀྱང་མཐར་གཏུག་ན།།
ལོ་ཟླ་ཞག་དུས་འགའ་ཡི་ཁྱད་པར་ལས།།

ཀུན་ཀྱང་འགྲོ་ལམ་ཉག་གཅིག་འཆི་བ་ཡིན།།


མཛེས་མས་མིག་ཁྲིད་མེད་པ་འཆི་བདག་ཡིན།།
ཞིམ་པོའི་ཁ་ཁྲིད་མེད་པ་འཆི་བདག་ཡིན།།
ནོར་གྱིས་བསླུ་བྲིད་མི་བཏུབ་འཆི་བདག་ཡིན།།

ཁ་བསགས་ངོ་ལ་མི་ལྟ་འཆི་བདག་ཡིན།།


འཆི་བ་ཞེས་བྱ་དྲང་པོ་དེ་ལ་ཕྱག་འཚལ་ལོ།།
འཆི་བ་ཞེས་བྱ་དབང་ཆེན་དེ་ལ་ཕྱག་འཚལ་ལོ།།
འཆི་བ་ཞེས་བྱ་འཇིགས་སྐུལ་དེ་ལ་ཕྱག་འཚལ་ལོ།།
འཆི་བ་ཞེས་བྱ་མཇུག་བསྡུ་དེ་ལ་ཕྱག་འཚལ་ལོ།།
     ཞེས་ཚིགས་སུ་བཅད་པ་འགའ་ཞིག་གིས་མདུན་བསུས་ཏེ།  སྐབས་དོན་གྱི་གཏམ་ནི་གཤིན་ཆོག་བཤད་པ་ཡིན་ལ། དེ་ཡང་ལེ་ཚན་བདུན་གྱིས་བཤད་པ་ལ།
༡ འཆི་བའི་ཆེད་དུ་སྐྱེ་བ་ལེན་པ་ཡིན།
    དེ་ཡང་། ཇི་སྐད་དུ། མ་ཤི་ས་སྟེང་ལུས་པ་གཅིག་ཀྱང་མེད།། ད་ལྟ་གཅིག་རྗེས་གཉིས་མཐུད་ཕ་རོལ་འགྲོ།། རང་ཡང་མྱུར་བ་ཉིད་དུ་འཆི་དགོས་ན།། བླ་མ་མཁྱེན་ནོ་ཐུགས་རྗེ་མྱུར་དུ་གཟིགས།། ཞེས་དང་། སྐྱེ་རྒ་ན་འཆི་རྦ་རླབས་འཁྲུགས་པ་ཡིས།། ཞེས་པ་སོགས་ཀྱིས་འདུས་བྱས་ཐམས་ཅད་སྐྱེ་བའི་མཚན་ཉིད་དང་། རྒ་བའི་མཚན་ཉིད། ན་བའི་མཚན་ཉིད། འཆི་བའི་མཚན་ཉིད་བཞི་ཡིས་བསྡུས་པར་བསྟན་ལ། སྐྱེ་བ་ལེན་ནས་བཟུང་། འཆི་བ་ལ་ཐུག་གི་བར་དུ་ཐད་ཀར་འགྲོ་བ་ཡིན་ལ། དེ་ཡང་། གསོད་སར་ཁྲིད་པའི་བཙོན་བཞིན་དུ།། གོམ་རེ་བོར་ཞིང་འཆི་ལ་ཉེ་བ་ལྟར་ཡིན་པས། ང་ཚོ་ངེས་པར་དུ་གདོང་གཏུག་དགོས་ས་ནི་འཆི་བ་ཡིན་པ་རེད། མཐའ་བཞི་ཞེས་སྐྱེས་བའི་མཐའ་མ་འཆི། འདུས་པའི་མཐའ་མ་འབྲལ། བསགས་པའི་མཐའ་མར་འཛད། མཐོ་བའི་མཐའ་མ་ལྷུང་ཞེས། མཐའ་བཞི་ལས་བརྒལ་མི་ཐུབ་ཅིང་། མཐའ་བཞིས་བསྡུས་པ་ནི་ཆོས་ཉིད་ཅིག་དང་། མཐའ་བཞི་ལས་འདའ་མི་ཐུབ་པ་དང་། མཐའ་བཞི་ལས་འདའ་མ་སྲིད་པ་དང་། མཐའ་བཞི་ལས་འདའ་མི་རུང་པ་ཞིག་ཡིན། དེར་བརྟེན་འཆི་བ་ཞེས་བྱ་བ་དེ། མཐོ་གསེར་ཁྲི་ཁ་ན་ཡོད་རུང་། དམའ་སྤྲང་དབྱུག་ཁ་ན་ཡོད་རུང་འདྲ་མཉམ་གྱིས་འཆི་དགོས། དེ་ཡང་། འཆི་ངེས་པ། ནམ་འཆི་ཆ་མེད། འཆི་རྐྱེན་ངེས་མེད། འཆི་བའི་ཚེ་ཆོས་མིན་པ་གཅིག་ཀྱང་མི་ཕན་པ་ཞིག་ཡིན། ཞེས་གསུངས་པ་བཞིན་འཆི་ངེས་པ་དང་། འཆི་དགོས་པ་དང་། མི་འཆི་ནས་འགྲོ་ས་མེད་པ་བཅས་ཤེས་དགོས། 


༢ འཆི་བ་ལས་བྱུང་བའི་སེམས་འགྱུར།
     འཆི་བ་ནི་མི་རྟག་པ་སྟོན་པའི་སློབ་དཔོན་ཨང་དང་པོ་དེ་ཡིན། འཆི་བ་ནི་སེམས་རྟ་རྒོད་འདྲ་མོ་དེ་གཡུང་ལ་འབེབ་བྱེད་ཀྱི་ལག་ཅ་ཨང་དང་པོ་དེ་ཡིན། འཆི་བ་ནི་དངོས་པོའི་གཤིས་ལུགས་ར་སྤྲོད་བྱེད་པའི་ངོ་བོ་ཆོས་ཉིད་ཀྱི་རིགས་པ་དེ་ཡིན།   འཆི་བ་ནི་བརྗོད་པ་སྒྲའི་བརྡ་སྤྲོད་ལ་ལྟོས་མི་དགོས་པར། མིག་མཐོང་ལག་ཟིན་གྱིས་མངོན་སུམ་དུ་གྲུབ་པ་ཞིག་ཡིན། དེ་ཡང་། རྗེས་ཐམས་ཅད་ཀྱི་ནང་ན་གླང་པོ་ཆེའི་རྗེས་དེ་མཆོག་ཡིན་པ་བཞིན་དུ། འདུ་ཤེས་ཐམས་ཅད་ཀྱི་ནང་ན་འཆི་བ་མི་རྟག་པའི་འདུ་ཤེས་དེ་མཆོག་ཡིན་གསུངས་པ་ལྟར། འཆི་བ་མི་རྟག་པ་བསྒོམས་པས་ཆོས་དང་འཇིག་རྟེན་གྱི་བྱ་བ་ལ་གོ་སྐབས་དམ་འཛིན་ཐུབ་པ། འཆི་བ་མི་རྟག་པ་བསྒོམས་པས་རང་རྒྱུད་གྱོང་པོ་འདུལ་སྦྱོང་ཐུབ་པ། འཆི་བ་མི་རྟག་པ་བསྒོམས་པས་རང་གཞན་ཐམས་ཅད་འགྲོ་ས་གཅིག་ཡིན་པར་ཤེས་པ། འཆི་བ་མི་རྟག་པ་བསྒོམས་པས་རྟག་བརྟན་ཐེར་ཟུག་གི་བློ་ལྡོག་ཐུབ་པ་སོགས་སེམས་འགྱུར་ཆེན་པོ་ཞིག་ཐེབས་ངེས་སོ།། 
༣ གཤིན་ཆོག་དང་འབྲེལ་བའི་མཆོད་ཡོན།
     དགོན་སྡེའི་བླ་གྲྭ་མཁན་གསུམ། བཤེས་གཉེན་སློབ་དཔོན་ཐམས་ཅད་ནི།གཤིན་པོ་ལ་ཆོས་ཀྱི་བརྫངས་པ་སྦྱིན་ནས། ཐར་ལམ་ལ་དྲངས་ཅི་ཐུབ་མཛད་མཁན་གྱི་སེམས་བསྐྱེད་ཅན་དེ་ཡིན་ཞིང་། ཁྱད་པར་དུ་གསོན་པོའི་སེམས་ཁ་གསོ་བ་ལ་ཆེས་མེད་དུ་མི་རུང་བའི་སྟོབས་ཤུགས་ཤིག་ཡིན། སྐྱ་བོ་བརྒྱ་ལས་བན་སེར་མོ་པ་གཅིག་གིས་དགའ་སྣང་འདི་ཡང་། འཇིག་རྟེན་ན་ཡོངས་གྲགས་རེད། རྒྱུ་མཚན་དེས་བན་སེར་མོ་བ་ནི། ཤི་བོ་ཐར་ལམ་དུ་འདྲེན་པའི་སེམས་བསྐྱེད་ཅན་ཡིན་པར་མ་ཟད། གསོན་པོ་སེམས་གསོ་བྱེད་པའི་སྨན་མཆོག་དང་། འཇིག་རྟེན་ཐུན་མོང་གིས་ཡིད་ཆེས་བྱེད་སའི་དགེ་འདུན་པ་རེད།དེ་ལྟར་ན་ཧོར་རོང་པ་ཚ་ན། དགོན་སྡེ་མང་ཞིང་། བླ་གྲྭ་ཚོགས་པ་ལ་སྟབས་བདེ་ཞིང་། བླ་གྲྭ་ག་ཚད་དགོས་ན་ཕལ་ཆེར་གདན་ཐུབ་པ་འདུག་པས།སེམས་པ་སྐྱིད་པོ་འདུག གོ་ཐོས་བྱས་ན་ས་ཆ་ལ་ལ་ན་བླ་གྲྭ་ཧ་ཅང་དཀོན་པོ་ཡིན་པའི་གནས་ཚུལ་ཡོད་ཚད་རེད། ངེད་དུང་འདབ་སྡེ་བས། ལུང་པ་འདི་ན་ཡོད་རྒྱུའི་ས་སྐྱ་པ་དང་། བཀའ་བརྒྱུད་པ། དགེ་ལུགས་པ།རྙིང་མ་པ་བཅས་གྲུབ་མཐའ་བཞི་ཀའི་བླ་གྲྭ་གདན་གྱི་ཡོད། ཚོགས་པ་མང་ཚོགས་ཕལ་ཆེ་ལ། བླ་གྲྭ་བརྒྱད་ནས་བཅུ་བར་དང་།ཚོགས་པ་ཆེན་པོ་ཡིན་ན་བླ་གྲྭ་ཉེར་ལྔ་ཡན་མན་གདན་ཐུབ་ཀྱིན་འདུག འོན་ཀྱང་ཡོན་བདག་གི་རྒྱུ་འབྱོར་དང་བསྟུན་ནས།བླ་གྲྭ་གདན་ཞུ་བྱ་ཆོག་པ་ལས། གྲངས་ཀ་མང་པོ་གདན་ཞུ་དགོས་པའི་ངེས་པ་མེད། ལུང་པ་འདིའི་བླ་གྲྭ་ཚོགས་ཞུགས་མི་སྣ་ཀུན་ལ་དམར་ཟས་དྲངས་མི་ཆོགགྲོང་མི་ཚོས་ཀྱང་དམར་ཟས་སྤོང་ཅི་ཐུབ་བྱེད་ཀྱིན་ཡོད། བླ་གྲྭའི་འབུལ་བ་ཡང་ལུང་པའི་ལུགས་སྲོལ་ལྟར་ལས།མི་སེར་གྱི་ཁུར་པོ་མི་ལྕོགས་པ་དེ་འདྲ་འབུལ་དགོས་ཀྱི་མི་འདུག དེར་བརྟེན་དགོན་སྡེ་དང་ཡུལ་པ་གཉིས་ཀྱང་ཕར་བརྟེན་ཚུར་བརྟེན་དང་། ཕར་རོགས་ཚུར་རོགས་ཀྱིས་འཚོ་བ་བསྐྱལ་བ་ཡང་རླབས་ཆེན་གྱི་ལས་དོན་ཞིག་རེད། 

༤ གཤིན་ཆོག་དང་འབྲེལ་བའི་འདུ་ར།
     དེ་ཡང་གང་ཟག་གང་ཞིག་དབུགས་འགག སྲོག་ཆད་པ་དང་།དེ་མ་ཐག་ཏུ་གྲོང་མིའི་འདུ་ར་བསྡུ་དགོས། དེ་དུས་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་། སྡུག་གི་ཁུར་པོ་མཉམ་དུ་ཁུར་བའི་བསམ་པ་མཚོན་ཕྱིར།གཅིག་ཕན་གཅིག་གྲོགས། གཅིག་སེམས་གཅིག་བཏོད་ཀྱིས་གཤིན་ཆོས་སྒྲུབ་དགོས། དེ་ཡང་ཐོག་མར།འཕོ་འདེབས་བླ་མ་དྲངས་ནས་འཕོ་བ་བཏབ་ཏུ་འཇུག་པ། གཉིས་པ། དགོན་སྡེ་ཁག་ལ་བསྔོ་རྟེན་འབུལ་བ་དང་།འབྱོར་ལན་རྩིས་སྤྲོད་ཀྱི་བྱ་བ་བྱེད་དགོས། དེ་དང་མཉམ་དུ་གཤིན་རྩིས་བྱེད་པར་མི་གཉིས་འགྲོ་དགོས། རྩིས་ལ་ཞིབ་ཆ་ཧ་ཅང་ཆེ། ལོ་རྟགས་གང་ཞིག་ཕུང་པོ་ལ་ལྟ་རེག་ཆོག་མིན་དང་། ལོ་རྟགས་གང་ཞིག་གིས་དུར་ཤུལ་འཕྱག་དགོས་པ།ཐ་ན་ཕུང་པོ་དུར་འཇུག་སྐབས་སུ། བྱ་སྦྱིན་དང་། ས་འོག་ཏུ་སྦ་བ། མེ་ལ་སྲེག་པ། ཆུ་ལ་གཤེགས་པ་སོགས་གང་ཞིག་དགོས་མིན་ཚང་མ་རྩིས་ལས་ཤེས་དགོས།གཞན་ཡང་ཆོས་སྐལ་དང་། སྐྱེས་རྟགས་སོགས་ཀྱང་རྩིས་ལས་ཤེས་དགོས། དེ་ནས་གྲོང་མི་ཐམས་ཅད་ཡོད་སར་གཤིན་རྩིས་གསལ་བསྒྲག་དང་། གཤིན་རྩིས་ལ་བརྟེན་ནས་ཆོ་ག་ཅི་དགོས་ལྟར་སྒྲུབ་དགོས། ད་དུང་ཇོ་དར་པར་བ་དང་། དར་ལྕེ་བཏགས་པ།སྒྲོན་མེ་གྲངས་མང་སྦར་བ་སོགས་ལས་ཀ་ཧ་ཅང་མང་། འདི་དག་གི་སྐབས་སུ་བློ་སེམས་གཅིག་མཐུན་དང་།ཁ་རུག་རུག་ཁ་སྤུ་ཤིག་ཤིག མཛུབ་གུ་ལྔ་བཅངས་ཁུར་ཚུར་གྱིས་ལས་དོན་ལ་ཞུགས་པས། སེམས་དང་སེམས་པ་གཅིག་ཏུ་མཐུན།བློ་དང་བརྩེ་བ་གཅིག་ཏུ་འདྲེས་ནས། མི་ཡི་རིགས་ལ་གྲོགས་མེད་ཁེར་རྐྱང་གིས་ས་མི་ཆོད་པ་དང་།མི་ཡི་རིགས་ལ་ལག་གདོང་མཉམ་སྦྲེལ་གྱིས་སྐྱིད་སྡུག་ལ་ཁ་བཏོད་དགོས་ལུགས་ནི་ཆོས་ཉིད་ཅིག་ཡིན་སྟབས།ཆོས་ཉིད་དེ་མངོན་དུ་གྱུར་པ་རེད་འདུག དེ་བཞིན་དུ་གཤིན་པོ་དུར་ལ་འཇུག་དུས་དེ་ལས་ཀྱང་གྲོང་མི་དེ་གལ་ཆེ།ཕུང་པོ་བཅིང་སྒྲོག་དང་། དུར་ཁྲོད་དུ་རོ་ལས་བྱེད་པ་ཐམས་ཅད་ལ་གྲོང་མི་དག་རེས་སྐོར་དང་།ང་འགྲོའི་ཁས་ལེན་པ་འབུད་ཀྱིན་ཡོད། གྲོང་མིའི་ངག་རྒྱུན་དུ། གང་ཟག་གཅིག་གིས་རོ་བརྒྱ་ཕྲག་དུར་ལས་བྱེད་ཐུབ་ན་ངན་སོང་དུ་སྐྱེས་མི་དགོས་ཟེར་ནས།དུར་ལས་ལ་ཞུགས་མཁན་གྱི་དཀའ་ངལ་གང་ཡང་མེད། ཡུལ་འདི་ན་དུར་ལས་ལ་ང་འགྲོ་ཁོ་འགྲོ་བྱེད་མཁན་མང་།ད་དུང་གྲོང་མི་རྒན་གཞོན་ཕོ་མོ་ཚང་མ་ལྷན་དུ་འཛོམས་ནས། སྒྲོལ་མ་དང་མ་ཎི་བགྲངས་ཀྱིན་ཡོད། གཤིན་ཆོག་འདིས་མཛའ་བརྩེ་སྐྲུན་པ་དང་། ལྷག་བསམ་བསྐྱེད་པ། སྙིང་ཇེ་ཉེར་འགྲོ་བ། ཕན་ཚུན་གུས་ཞབས་དང་།བརྩི་བཀུར་བསྐྱེད་པ་སོགས་དགེ་མཚན་མང་པོ་ཡོད་དོ།།





 གཤིན་ཆོག་དང་འབྲེལ་བའི་སྦྱིན་གཏོང་།

       སྤྱིར་གཤིན་ཆོག་ཏུ་ཇོ་དར་པར་བ། སྒྲོན་མེ་འབུལ་བ།གསོན་པོ་ལ་དབང་སྐུར། ཤི་བོ་ལ་ཁྲུས་ཆོག་སོགས་སུ། གཏོར་བཅའ་མཆོད་བཤམས་སྣ་ཚོགས་དང་། འབུད་རྡུང་བཀྲོལ་གསུམ་གྱིས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་ལ་བརྟེན་ནས།ཚེ་ལས་འདས་པ་བདེ་འགྲོ་ལྷ་མིའི་གོ་འཕང་དང་། ངེས་ལེགས་ཐར་བའི་ལམ་སྣར་སོགས་སུ་འདྲེན་ཅི་ཐུབ་ཀྱིས་ཕན་འབྲས་ཡོད་པ་གཞིར་བཞག་གི་ཐོག་ནས།དུས་ཚོད་འདིར་སློང་མོ་བ་བྱུང་ན། རྒྱུན་ལྡན་ལྟར་མ་ཡིན་ཞིང་། སྦྱིན་པ་གང་དྲག་དྲག་རེ་སྦྱིན་གྱི་ཡོད།ཁྱད་པར་དུ་དམའ་རིམ་སྲོག་ཆགས་ནས་མཐོ་རིམ་སྲོག་ཆགས་བར་གྱི་སྲོག་ཆགས་ཐམས་ཅད་སའི་གོ་ལ་གཅིག་ལ་བརྟེན་ཡོད།འོན་ཀྱང་མཐོ་རིམ་སྲོག་ཆགས་སམ་མི་ཡི་རིགས་ཀྱིས་གོ་ལ་ལ་བརྟེན་ནས་མ་རྩ་ལོངས་སུ་སྤྱོད་རྒྱུ་མང་ཆེ།སྲོག་ཆགས་གཞན་དག་གིས་དེ་ཙམ་ལོངས་སུ་སྤྱད་པའི་གོ་སྐབས་མེད། དེར་བརྟེན་གཤིན་ཆོག་སྐབས་ཀྱི་གཏོར་མ་དང་།མར་རྒྱན། མཆོད་འབྲུ་སོགས་ཕྱིར་བཀྲམ་པས། བྱ་དང་བྱེའུ་འབའ་འབུ་ཐམས་ཅད་ཀྱིས་ལོངས་སུ་སྤྱད་པས།དེ་ནི་སྲོག་ཆགས་དེ་དག་ལ་ལོངས་སྤྱད་ཁ་གསབ་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་རེད་ལགས། དེང་སང་ནི་ཆོ་ག་ཚོགས་ཐེངས་རེ་ལ་གཏོར་མ་མར་རྒྱན་དང་བཅས་པ་གཞོང་པ་གང་ཙམ་དང་།མཆོད་འབྲུ་ཡང་སྡེར་མ་ཁ་ཤས་ཙམ་རེ་ཡོད་པས། དེ་དག་ཕྱིར་ལ་བཀྲམ་པས། བྱ་བྱེའུ་ཁྱུ་དང་ཁྱུ།ཁྱི་འཁྱར་ཡང་གང་ལ་གང་མཚམས་རེ་ལ་གསོལ་ཚིག་ཕུན་སུམ་ཚོགས་པ་ཞིག་ཡོང་གི་འདུག འདི་ཡང་སྲོག་ཆགས་བར་གྱི་སྙོམས་སྒྲིག་དང་།འདྲ་མཉམ་ཡོང་ཐབས་ཤིག་གཤིན་ཆོག་ལས་གྲུབ་པའི་ཆོས་ཉིད་ཅིག་རེད། ཁྱད་པར་དུ་གཤིན་པོའི་ཤ་ཁྲག་རུས་གསུམ་པོ་ཡང་།བྱ་ལ་སྦྱིན་ན་བྱ་ཡི་བཀྲེས་ལྟོགས་སེལ། ས་ལ་བཞག་ན་འབུ་སྲིན་གྱི་བཀྲེས་ལྟོགས་སེལ། ཆུ་ལ་གཤེགས་ན་ཆུ་གནས་སྲོག་ཆགས་ཀྱི་བཀྲེས་ལྟོགས་སེལ་བ་དང་།མེ་ལ་བསྲེགས་པས་དྲི་ཟའི་འཇིག་རྟེན་གྱི་བཀྲེས་ལྟོགས་སེལ་བ་སོགས། གཤིན་ཆོག་ནི་འཇིག་རྟེན་འདིར་ཆེས་དགོས་མཁོ་ཆེ་བའི་བྱ་འགུལ་ཞིག་ཡིན་ལ།བྱ་འགུལ་འདི་ཆོས་ཉིད་ཀྱིས་གྲུབ་པའི་དགོས་པ་ཡོད་ལ། ཕན་པ་ཡོད་པའི་བྱ་འགུལ་ཞིག་རེད།






༦ གཤིན་ཆོས་སུ་ལྟ་བྱེད་སྤྲད་པ།
    ལྟ་བྱེད་སྤྲད་པ་ཟེར་བ་ནི།  མི་ཤི་སོང་བའི་ཁྱིམ་ཚང་དེར་གྲོང་རོགས་དང་།  གཉེན་བཤེས་ཕན་ཚུན་བར་དུ་སྐྱིད་སྡུག་ལྟ་བ་ཟེར་ནས། སྒོར་མོ་དང་དངོས་པོ་གང་འཚམ་རེ་སྦྱིན་སྲོལ་ཡོད་པར་ཟེར།འདིའི་ལྟ་བྱེད་སྤྲད་པ་འདི་ཡང་ཧ་ཅང་གལ་ཆེན་པོ་རེད། 
      ༡༽ སེམས་ཁ་གསོ་ཐུབ་པ།   ༢༽མཛའ་བརྩེ་ཇེ་ཟབ་འགྲོ་བ།   ༣༽ དུས་སྐབས་འདིར་གཤིན་ཆོག་ཏུ་འགྲོ་གྲོན་ཆེ་བས། དེ་ཉིད་ཀྱི་འགྲོ་གྲོན་ཐག་གཅོད་བྱ་ཐུབ་པ་ཞིག་ཡིན་ལ།  དེར་བརྟེན་ལྟ་བྱེད་སྤྲད་པ་ལ་དགེ་མཚན་ཧ་ཅང་མང་། སྐྱིད་སྡུག་རེས་ཀྱིས་འཁོར་བས། གཅིག་ཕན་གཅིག་གྲོགས་དང་། ལས་དོན་འདི་འཛམ་གླིང་གི་ཉེན་བཅོལ་(保险)གྱི་ལས་དོན་དང་ཆེས་འདྲ་པོ་ཡོད་པ་རེད། ཁྱད་པར་དུ་གྲོང་རོགས་བར་གྱི་རོགས་རམ་ལ་བཤད་ན། ཤི་པོའི་ཁྱིམ་ཚང་ལ་གང་དགོས་བལྟས་ནས། སྣོད་ཐབ་ཆས་དང་། འབོལ་གདན་ཆ་དང་བཅས་པ་དགོས་པ་ཡོད་ན་གཡར་བ་དང་། ལྕི་ཤིང་དང་། སྒྲོན་མེའི་ཀོང་བུ་དང་བཅས་པ་སྦྱིན་སྲོལ་ཡོད། མདོར་ན་ཆད་པ་མཐུད། མེད་པ་ཁ་སྐོང་སོགས་ཀྱིས་རོགས་པ་བློ་བདེ་བ་ཞིག་བྱེད་ཀྱིན་ཡོད།
༧ གཤིན་ཆོག་དང་འབྲེལ་བའི་སྐྱིད་སྡུག་མཉམ་ཁུར།
     ཤི་བོའི་རྗེས་སུ་ལུས་པའི་ཁྱིམ་ཚང་དེའི་སྡུག་བསྔལ་དང་མྱ་ངན་བྱེད་པ་ལྟར། གྲོང་པས་ཀྱང་མྱ་ངན་བྱེད་ཀྱིན་ཡོད། དཔེར་ན་བདུན་བདུན་བཞི་བཅུ་ཞེ་དགུ་དང་རྫོགས་པ་རྩིས་པས་ཉིན་ལྔ་བཅུ་ལ། གླུ་གར་མི་འཁྲབ་རྒྱུ། བྲོ་མི་འཁྱམ་རྒྱུ། རྟ་རྒྱུག་མདའ་འཕེན་སོགས་མདོར་ན་རྩེ་དགོད་དང་། སྤྲོ་བསེང་མི་གཏོང་ནས་མྱ་ངན་མཉམ་དུ་བྱེད་བཞིན་ཡོད།  


༨ གཤིན་ཆོག་དང་འབྲེལ་བའི་རྗེས་དྲན།
     དེ་ཡང་ཤི་ཚད་ཟེར་ནས་ལོ་རེ་ལ་དུས་ཚིགས་ཁྱད་པར་ཅན་ཞིག་ཡོད། དེ་ནི་གཤིན་པོ་དེ་ཉིད་ཤི་བའི་ཟླ་ཚེས་འཆར་བ་དེ་ཉིད་ཡིན། ལོ་རེར་ཐེངས་རེ་ལ་རྗེས་དྲན་ཞུ་བ། རྗེས་དྲན་ཞུ་སྟངས་དེ་ཡང་བྱ་བ་བཟང་པོ་བསྒྲུབས་ནས་རྗེས་དྲན་ཞུ་དགོས། དེ་ཡང་རང་གི་འབྱོར་བ་དང་བསྟུན་ནས། དགེ་བ་སྒྲུབ་པ་དེ་ཡིན། བླ་གྲྭ་ཚོགས་ནས་ལྷ་དང་དཀོན་མཆོག་ལ་གཏོང་རགས་དང་། སྙིང་རྗེའི་མགྲོན་རྣམས་སྦྱིན་བསྔོ་བྱེད་པ་དེ་ཡིན། འདིའི་ཉིན་ལ་རྗེས་འདུག་རྣམས་ཀྱིས་གཤིན་པོ་དུར་ཞུགས་བྱེད་ས་དེ་ལ། བསུར་གཏོང་བར་འགྲོ་དགོས་པ་དང་། ཁྱད་པར་རྗེས་འདུག་པས་བསམ་པ་བཟང་པོའི་སྒོ་ནས། དཀར་ཟས་ལ་རོལ་བ་དང་། སློང་མོ་བ་བྱུང་ན་སྦྱིན་གཏོང་ཅི་ནུས་གང་ནུས་བྱེད་པ་སོགས་རྣམ་དཀར་གྱི་བྱ་བ་ལ་འབད་པ་ཅི་ནུས་བྱེད་པ་དེ་ཡིན། 
      ངས་གོང་ཞུས་ཀྱི་གཤིན་ཆོག་འདི་དག་ནི། དཀར་མཛེས་རྫོང་རོང་པ་ཚ་དུང་འདབ་སྡེ་བ་རང་ཉིད་སྐྱེས་སའི་ཕ་ཡུལ་འདིའི་སྲོལ་རྒྱུན་མཐོང་ཐོས་ལྟར་བྲིས་པ་ལགས།

སྨྲས་པ།


འཆི་བ་འདོད་ན་འདོད་བཞིན་ལམ་ལ་ཕྱོགས།།
འཆི་བ་མི་འདོད་བཙན་གྱིས་ཐོག་ཏུ་འབབ།།
འདོད་དང་མི་འདོད་རང་དབང་མ་མཆིས་པ།།

གཤིན་རྗེའི་ཁྲིམས་དེ་ཡ་མེད་ཐོག་འབབ་རེད།།


སྐྱེ་བ་འཆི་བའི་ཆེད་དུ་ཡིན་པ་དང་།།
འཆི་བ་སྐྱེ་བའི་ཆེད་དུ་ཡིན་པས་ན།།
སྐྱེ་བར་དགའ་ལ་འཆི་བ་མི་དགའ་བའི།།

སྐྱེ་འཆི་རིས་སུ་བཅད་ན་བསམ་མེད་རེད།།


མི་འཆི་སྡོད་པའི་ས་ཕྱོགས་མེད་གྱུར་ན།།
སྐྱེ་བ་ལེན་པའི་དགོས་པ་མེད་སྣང་ཡང་།།
སྐྱེ་འཆི་རྟེན་འབྲེལ་གཅིག་ལ་གཅིག་བརྟེན་པ།།

ལྡོག་མེད་འདི་ནི་དངོས་པོའི་གཤིས་ལུགས་རེད།།


སྐྱེ་བ་མེད་ན་འཆི་བ་མ་མཆིས་པས།།
སྐྱེ་འཆི་མེད་ན་འཁོར་བ་མ་མཆིས་པས།།
འཁོར་བར་དགའ་ཞིང་སྐྱེ་འཆི་མི་དགའ་ན།།

རྒྱུ་མེད་འབྲས་བུ་འདོད་པ་ལོག་པའི་བློ།།


འཁོར་བར་འཁོར་ནས་ཡུན་རིང་ལོན་ན་ཡང་།།
འཁོར་བའི་གནས་ལུགས་མ་རྟོགས་ཡ་མཚན་རེད།།
སྐྱེ་འཆིའི་གནས་ལུགས་རྟོགས་ཐབས་ཡོད་གྱུར་ན།།
འཆི་བ་ཆོས་སྐུའི་ཀློང་དུ་གྲོལ་གྱུར་ཅིག།
                                 དགེའོ།།
གསལ་བཤད། 
༡༽ འདིར་རྒྱ་ཆེའི་རྩོམ་པ་པོ་རྣམས་ལ་རྩོམ་རིག་གི་ཞིང་ས་ཞིག་བསྐྲུན་ཡོད་པ་ལས་ངེད་འཕྲིན་སྟེགས་ཀྱི་ལྟ་བ་མཚོན་མི་ཐུབ།  
༢༽ པར་དབང་འདི་གར་ཡོད་པས་ངེད་འཕྲིན་སྟེགས་ཀྱི་ནང་དོན་ཆོག་མཆན་མེད་པར་གང་བྱུང་དུ་དགོལ་མི་རུང་། དེ་དོན་ཡིད་འཇགས་ཡོད་པ་འཚལ།



来源于典籍藏域



贵德在线学习平台


      贵德在线,咱们贵德人的平台



友情链接